查看原文
其他

སྐད་འཕྲིན་དུ་ཡ་ལན་མི་སྟེར་བའི་དགའ་རོགས།|སྙིང་གཏམ།|ཐོག་ལྕེ།

编辑:菩措卓玛 爱情孤岛 2020-02-27

      

བརྩེ་དུང་གི་ཁེར་གླིང་།

སྙིང་གཏམ་མུ་འབྲེལ་མ།1-ཐོག་ལྕེ།

    འཕྲིན་སྟེགས་འདི་ལ་གློ་བ་ཉེ་བའི་སྐུ་མགྲོན་རྣམ་པ་ལགས། ཁྱེད་ཅག་ལ་དྲ་འབྲེལ་ཡོད་ཀྱང་མེད་སྣང་ལྟ་བུའི་ཚོར་བ་སློང་བྱེད་ཀྱི་དགའ་མ་དང་དགའ་ལོ་ག་ཚོད་ཅིག་ཡོད། རང་དང་ཚོགས་པ་གཅིག་པའི་ནང་དུ་མི་དེ་གསོན་ཡོད་པའི་རྐང་རྗེས་ཚོར་ལ། སྐད་འཕྲིན་གྱི་བར་སྟོང་ནས་ཀྱང་མི་དེ་ཁོམ་ཡོད་པའི་སྣང་བ་རྟག་པར་སྤྲོད། རང་ཉིད་ཀྱིས་མི་དེར་ཡིག་འཕྲིན་དང་སྐད་འཕྲིན་ཅི་རིགས་བསྐུར་བར་བསམ་བློ་ཡུན་རིང་བཏང་བའི་བཅུད་ཀྱི་རི་མ་དང་། བློ་ཞུམ་པའི་དཔང་ཚད་ཉམ་དམའ་བའི་ཆུ་ངོས་རིམ་གྱིས་རང་ལ་དཔའ་སྐྱེད་ཀྱི་ངར་ལྡུད་དེ་འཕངས་ནི་མཐོ་བར་བྱས་མཐར། གླགས་དང་བསྟུན་ནས་མི་དེར་སྒེར་ལམ་དུ་སེམས་འཕྲིན་བསྐུར་བར་ཕྱིར་ལན་སྙིང་རྗེ་ཞིག་ཨེ་སྟེར་ལ་རེ་སྒུག་དང་། མིག་ཟུང་ཇི་ལྟར་ཁ་པར་གྱི་འཆར་ངོས་སུ་ཅེར་རུང་། ཐོས་འཛིན་ཇི་ལྟར་ཡིག་ལན་གྱི་སིལ་སྒྲ་ལ་ཉན་རུང་། དུས་ཚོད་ཡུན་ནས་ཡུན་དུ་རྒྱང་རིང་ལ་བཀྱེད་དེ་ནམ་གྱི་ཆ་སྟོད་དུ་སླེབས་ཀྱང་སྔར་བཞིན་ཞི་ཞིང་འཇགས། ངང་སྒུག་ཁྲོད་ཀྱི་རེ་སྟོང་དེ་ལ་ན་ཟུག་གི་གདུང་བ་ག་འདྲ་ཞིག་སྐྱེ་སྲིད་དམ། དེ་འདྲའི་ན་ཟུག་མཚན་ཞག་རེ་རེར་བསྲན་ཏེ་ཟླ་དང་ལོ་མང་པོ་ཕར་སྐྱེལ་ནས་རང་ཉིད་ཀྱི་ལང་ཚོ་མུན་པའི་ཁ་ཟས་སུ་བསྲེགས་པ་དང་སྲེག་བཞིན་པའི་མི་ག་ཚོད་ཅིག་ཡོད། སྐད་འཕྲིན་ནས་རང་ཉིད་སུབ་ཀྱང་མི་སུབ་ལ་ཡ་ལན་དུས་ཐོག་ཏུ་མི་སྟེར་བ་དང་། ལན་རེར་ཚིག་འབྲུ་ཐོར་རེ་བ་ཙམ་མི་སྟེར་བས་ཁྱེད་ཀྱི་སྐམ་ལ་ཉེ་བའི་རེ་སྒུག་གི་ས་བོན་ལ་བརླན་གྱི་གསོས་ཅུང་ཟད་བཏབ་ནས། ཁྱེད་ལ་མུ་ནས་མུ་རུ་དེ་འདྲའི་མཚན་ཞག་རེ་རེ་འཁོར་ལོ་བཞིན་བསྐོར་དུ་འཇུག འཇའ་ལ་ལག་པས་རེག་ཐུབ་པའི་ཚོར་སྣང་གིས་བསླུས་ཏེ་རྗེས་ཁྲིད་ཀྱི་སྦྱོར་བ་ཅི་ཡང་རྩོམ་སྲིད། ཡིན་ཡང་དེ་ནི་བསམ་བཞིན་དུ་མིན་མོད།ཡིན་ཡིན་འདྲ་བའི་དྲ་ལམ་གྱི་དགའ་རོགས་དེ་འདྲར་ཡིད་གཟབ་གཟབ་གནང་རོགས། རང་ཉིད་ཀྱི་ལང་ཚོ་ལ་གཅེས་སྤྲས་གནང་རོགས། ལང་ཚོ་ཆུད་ཟོས་སུ་མ་བཏང་ན་ཁྱེད་ལ་གོ་སྐབས་ཀྱི་སྒོ་ཕྱོགས་དུ་མ་ནས་ཕྱེས་ཡོད་པས། གོ་སྐབས་ཀྱི་གླགས་གནས་གཅིག་ནས་བཙན་སྒོམ་མི་བྱེད་པར་གཞན་དང་གཞན་ནས་འཚོལ་རྒྱུ་ཤིན་ཏུ་གལ་ཆེའོ། །
ཐོག་ལྕེ།点击关注

    您可能也对以下帖子感兴趣

    文章有问题?点此查看未经处理的缓存